6346

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མགོ་ཡིག
Tibetan Definition ཡི་གེ་གཞན་གྱི་མགོར་བརྩེག་རྒྱུའི་ཡི་གེ་ (ར་ལ་ས) གསུམ་ལ། མགོ་ཡིག་ཟེར། དེ་དག་སོ་སོར་ར་མགོ ལ་མགོ ས་མགོ་ཞེས་ཟེར། མགོ་ཡིག་གི་ཡི་གེ་རྣམས་སོ་སོའི་སྒྲ་འདོན་ཚུལ་ནི། ས་སྐྱའི་རྫེ་བཙུན་བསོད་ནམས་རྩེ་མོས། གང་དང་གང་ལ་གང་བཏགས་པས། །གོ་རིམ་བཞིན་དུ་གནས་ནས་འབྱུང་། །དེ་ལ་ར་མགོ་ལྕེ་རྩེ་འདར། །ལ་མགོ་ལྕེ་ཀློད་རྒྱ་ཡང་བསྐྱེད། །ས་མགོ་སོ་ཡི་བར་ནས་དབྱུང་། །ཞེས་གསུངས་པ་ལྟར་རོ། །མགོ་ཡིག་དང་མགོ་ཅན་གྱི་ཁྱད་པར་ལ་དོགས་གཅོད་གོང་དུ་མགོ་ཅན་ཞེས་པའི་ཐད་དུ་གཟིགས།