636

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲི་རྐང་འཆོས་པའི་ལྟུང་བྱེད
Tibetan Definition (འདུལ་བ) འབའ་ཞིག་པ་དགུ་བཅུའི་གྱ་ལྔ་པ། ཁྲི་རྐང་འཆོས་པའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་ཤིང་གི་ཁྲིའམ་ཁྲིའུ་རྐང་པ་ཚད་ལས་ལྷག་པ་རང་ངམ་བསྐོས་པས་བཟོ་བྱས་ཏེ་ཟིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་དྲུག་སྡེས་ཁྲི་རྐང་ཚད་ལས་ལྷག་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དོན་དང་བྱ་བ་མང་བ་དང་། དགེ་འདུན་གྱི་ཡོ་བྱད་ཆུད་ཟོས་པར་འགྱུར་པའོ། །