6369

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མགྲིན་བཟང
Tibetan Definition (མངོན་བརྗོད) 1 སྐད་བཟང་། སྐད་སྙན་པོ་ཡོད་པའི་མི།  2 བོང་བུའི་མིང་། ལྕང་སྐྱ་རོལ་པའི་རྡོ་རྗེ་གསུང་། གཞན་ཡང་རྗེའི་རྣམ་ཐར་ཆེན་མོ་ལས། བསྟན་པའི་སྙིང་པོ་རྣམ་དག་རིང་ལུགས་ལ། །ཆོས་བཞིན་རྒོལ་བའི་ཀླན་ཀ་ཕྲ་མོ་ཙམ། །སྨྲ་བའི་ནུས་པ་ཆ་ཙམ་མ་མཆིས་པས། །ཅི་བྱ་རྟོལ་མེད་ངང་ཚུལ་ལ་འཕྱན་ཚེ། །ལུང་རིགས་ཚུལ་དང་འགལ་བའི་བླུན་པོའི་ཚིག །འཕྲེང་བར་བསྒྲིགས་ལ་ལུང་བསྟན་སྒྲོ་བཏགས་ནས། །རང་རང་རིགས་མཐུན་མགྲིན་པ་བཟང་པོའི་ཁྱུར། །སྤེལ་བའི་ངལ་བ་ཅི་ཡང་ཁུར་དུ་འཁྱེར། །ཞེས་གསུངས་པ་ལྟར་རོ། །