637

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲི་རྒྱབ་དྲུག་འགྱོགས
Tibetan Definition ༡ བྱ་ཁྱུང་དང་། ༢ ཀླུ་མོ། ༣ ཆུ་སྲིན། ༤ བུ་ཆུང་། ༥ རི་དྭགས་ཀྲིཥ་ཎ་སཱ་ར། ༦ གླང་ཆེན་བཅས་ཀྱིས་བཏེག་པའི་སངས་རྒྱས་ཀྱི་བཞུགས་ཁྲིའི་རྒྱབ་ཡོལ། སྲོག་ཆགས་དྲུག་གིས་ཡར་འདེགས་པས། དྲུག་འགྱོགས་ཞེས་མིང་བཏགས་པ་རེད། སྲོག་ཆགས་དེ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་མཚོན་པར་བཤད། བྱ་ཁྱུང་གཅིག ཀླུ་གཉིས། ཆུ་སྲིན་གཉིས། བུ་ཆུང་གཉིས། རི་དྭགས་གཉིས། གླང་ཆེན་གཉིས་ཏེ་བཅུ་གཅིག་ཡོད་ཀྱང་། ཀླུ་གཉིས་སོགས་གྲངས་རེ་རེར་བརྩི་དགོས། བྲིས་ཆ་ཕལ་མོ་ཆེར་རི་དྭགས་ཁྲི་སྙན་སཱ་རའི་འོག་ཏུ་སེངྒེ་ཞིག་བྲིས་འདུག་པ་དེ་གང་ཡིན་དཔྱད་པར་བྱའོ། །