6372

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མགྲོན་གཉེར་རིང་འདུག་གི་ལྟུང་བྱེད
Tibetan Definition (འདུལ་བ) འབའ་ཞིག་པ་དགུ་བཅུའི་དོན་བཞི་པ། མགྲོན་གཉེར་རིང་འདུག་གི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་རང་མགྲོན་དུ་འབོད་པ་པོ་ཁྱིམ་པས་ཚིགས་རྣམ་པར་བཞག་པ་ཡོད་ན་ཚིགས་དེ་ལས་ལྷག་པའི་ཟས་ཟོས་པ་དང་། ཚིགས་རྣམ་པར་བཞག་པ་མེད་ན་ཟླ་བ་བཞི་ལས་ལྷག་པར་ཟས་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། སེར་སྐྱའི་གནས་སུ་དྲུག་སྡེས་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པར་བྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པའོ། །