From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁྲི་ལམ
|
Tibetan Definition
|
(བརྡ་རྙིང) བརྒྱ་ལམ། གཞུང་ལམ། ལམ་པོ་ཆེ། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱི་ལུང་ཕྲན་ཚེགས་ཀྱི་རྣམ་བཤད་ལས། ཁྲི་ལམ་ནི་ཤིང་རྟ་བསྐྱོད་དུ་རུང་བའི་ཚོང་དུས་ཀྱི་ཁྲི་ལམ་མོ། །ཞེས་གསུངས། སྒྲ་བཤད་ནི། ཤིང་རྟའི་ཁྲི་ལ་བརྟེན་ནས་བགྲོད་ཐུབ་པའི་གཞུང་ལམ་ཡིན་པས་ན་ཁྲི་ལམ་མམ། ཡང་ན་དཔའ་བོ་གཙུག་ལག་ཕྲེང་བའི་སྤྱོད་འཇུག་འགྲེལ་པ་ (༧༠༦) ལས། སྟོང་ནི་དཔེར་མཚོན་པ་ཡིན་གྱི་ངེས་བཟུང་མ་ཡིན་ཏེ་བརྒྱའམ་སྟོང་ངམ་ཁྲི་ལ་སོགས་པ་ཡང་སྟེ་ལམ་པོ་ཆེ་ལ་ཁྲི་ལམ་དུ་གྲགས་པ་ལྟར་རོ། །ཞེས་གསུངས་པ་ལྟར། ཁྲི་དང་སྟོང་དང་བརྒྱ་ཞེས་པ་མང་པོ་ལའང་འཇུག་པས་མང་པོ་འགྲོ་བའི་ལམ་ཡིན་པས་ཁྲི་ལམ་ཞེས་བྱ་སྟེ། དགའ་ལྡན་ལྷ་བརྒྱ་ཞེས་པ་དང་། བསྐལ་པ་སྟོང་དུ་བསགས་པ་ཡིས། །ཞེས་སོགས་གསུངས་པ་ལྟར་རོ། །
|