From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མངོན་གྱུར་བཅུ
|
Tibetan Definition
|
(འདུལ་བ) ལུང་ཞུ་བ་ལ་ལེའུ་བཅུ་ཡོད་པའི་གཉིས་པ་གཅིག་ལས་འཕྲོས་པ་ལས། བསྙེན་པར་རྫོགས་པ་ལ་མངོན་དུ་གྱུར་པ་བཅུ་ཚང་དགོས་པར་གསུངས་ཏེ། ༡ སྟོན་པ་མངོན་གྱུར། ༢ སངས་རྒྱས་མངོན་གྱུར། ༣ ཆོས་མངོན་གྱུར། ༤ མཁན་པོ་མངོན་གྱུར། ༥ སློབ་དཔོན་མངོན་གྱུར། ༦ བསྙེན་པར་རྫོགས་འདོད་མངོན་གྱུར། ༧ ཡོ་བྱད་མངོན་གྱུར། ༨ ཡོངས་དག་མངོན་གྱུར། ༩ གསོལ་བ་མངོན་གྱུར། ༡༠ ལས་མངོན་གྱུར་དང་བཅུའོ། ། (སྟོན་པ་མངོན་སུམ་དུ་གྱུར་པ) ནི། དགེ་འདུན་མངོན་སུམ་དུ་གྱུར་པ་ལ་བཤད། (སངས་རྒྱས) ནི་སྟོན་པའི་སྐུ་གཟུགས། (ཆོས) ནི། ལུང་གི་ཆོས་སྨྲ་བ་མ་ཉམས་པ། རྟོགས་པའི་ཆོས་སྒྲུབ་པ་མ་ཉམས་པ། འབྲས་བུའི་ཆོས་མྱ་ངན་ལས་འདས་པ་རྣམས་བསྒྲུབ་བྱའི་བློ་ཡུལ་དུ་གྱུར་པའོ། ། (མཁན་པོ) ནི། བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པ་ལ་མཁན་པོར་གསོལ་བ་བཏབ་ཅིང་ཁས་བླངས་པ་དང་ལྡན་པའོ། ། (སློབ་དཔོན) ནི། བསྙེན་རྫོགས་ཀྱི་སྡོམ་པ་དང་ལྡན་ཞིང་ཁ་སྐོང་བར་འོས་པ་དགེ་འདུན་གྱི་དབུས་སུ་ལས་ཀྱི་ཆོ་ག་བརྡ་སྤྲོད་པར་ནུས་པ་ལ་མཁན་པོར་གསོལ་བ་བཏབ་པའོ། ། (འདོད་པ་མངོན་དུ་གྱུར་པ) ནི། ལུས་ཀྱི་རྟེན། ཉེས་མེད་ཀྱི་སྡོམ་པ་རྒྱུད་ལ་སྐྱེད་པ་ལ་ཚིགས་སྔ་མ་རྣམས་སྔོན་དུ་སོང་ཞིང་ཚོགས་པ་དང་ལྡན་ལ་རྒྱུད་ཚོགས་སུ་མ་ཚང་བ་དང་ལྡན་པ། བསམ་པའི་རྟེན། བསམ་པ་ཐག་པ་ནས་སྡོམ་པ་ལེན་པར་འདོད་པ་རྒྱུའི་ཀུན་སློང་། དངོས་གཞིའི་དུས་སུ་ཐོབ་ཤེས་ཀྱི་ནུས་པ་ལྡན་ཞིང་མི་མཐུན་པའི་སེམས་མ་སྐྱེས་པ་ངེས་པ་ལྔ་དང་བྲལ་བའོ། ། (ཡོ་བྱད) ནི། ཆོས་གོས་གསུམ་རུང་བ་ཚད་ལྡན་མཁན་པོའི་གསུང་གིས་བྱིན་གྱིས་བརླབས་ཏེ་གནང་བ་དང་ལྡན་པ། ལུས་ཀྱི་རྟགས་སྐྲ་དང་ཁ་སྤུ་བྲེགས་ཤིང་ཁྲུས་བྱས་པ་སྟེ། རབ་ཏུ་བྱུང་བའི་རྟགས་དང་ཆ་ལུགས་ཚང་བའོ། ། (ཡོངས་སུ་དག་པ) ནི། སྡོམ་པ་སྐྱེ་བའི་བར་ཆད་མེད་པའོ། ། (གསོལ་བ) ནི། སྦྱིན་པའི་ལས་ཐམས་ཅད་ལ་གསོལ་བ་བཏབ་པ་སྔོན་དུ་འགྲོ་དགོས་པས་གང་ལས་སྡོམ་པ་ཐོབ་པར་འགྱུར་བས་དགེ་འདུན་ལ་གསོལ་བ་ལན་གསུམ་བཏབ་པའོ། ། (ལས) ནི། གསོལ་བཞིའི་ལས་མི་གཡོ་ཞིང་བཞག་པར་མི་འོས་པས་བྱས་པ་སྟེ། དེའི་བརྗོད་པ་ཐ་མའི་ཆ་གསུམ་པ་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེའོ། །བུ་སྟོན་རིན་པོ་ཆེའི་མདོ་རྩའི་རྣམ་བཤད་ལ་གཞི་བྱས།
|