From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མངོན་པའི་ང་རྒྱལ
|
Tibetan Definition
|
<ཨ་བྷི་མཱ་ན> ཡོན་ཏན་མ་ཐོབ་པ་ལ་ཐོབ་བོ་སྙམ་དུ་སེམས་རབ་ཏུ་ཁེངས་པ་ལ་མངོན་པའི་ང་རྒྱལ་ཟེར། དབྱིག་གཉེན་གྱི་མཛོད་རང་འགྲེལ་ལས། ཁྱད་པར་འཐོབ་པར་བྱ་བ་མ་ཐོབ་པར་བདག་གིས་ཐོབ་བོ་སྙམ་པ་ནི་མངོན་པའི་ང་རྒྱལ་ལོ། །ཞེས་གསུངས་སོ། །སློབ་དཔོན་བློ་གྲོས་ཆེན་པོས་མཛད་པའི་བཤེས་སྤྲིང་གི་རྒྱ་ཆེར་བཤད་པ་༼ ངེ་པ ༽༨༠ན༦ ལས་ཀྱང་དེ་ལྟར་དུ་བཤད་ཡོད། འདི་མཛོད་རང་འགྲེལ་ལས་བཤད་པའི་ང་རྒྱལ་བདུན་གྱི་ལྔ་པ་ཡིན། ལེགས་སྦྱར་དུ་འདི་ལ་ “अभिमान” “ཨ་བྷི་མཱ་ན” ཞེས་པ་དང་། བོད་སྐད་དུ། མངོན་པའི་ང་རྒྱལ། ཕྱི་རྒྱལ་བས་འདི་ལ་ Pride ཟེར། སྒྲ་བཤད་ནི། ཡོན་ཏན་ཅུང་ཟད་མངོན་པའམ་མཐོང་བ་ལས་ཡོན་ཏན་ཐོབ་པར་ང་རྒྱལ་བྱེད་པའོ། །ཞེས་མཁས་པ་འགའ་རེས་གསུངས་ཤིང་། ཁོ་བོས་ཀྱང་སྔོན་དེ་ལྟར་ཡིན་པར་བྱས་མོད། ད་དུང་དཔྱད་དགོས་ཏེ། ལེགས་སྦྱར་དུ་འདི་ལ་ “अभिमान” “ཨ་བྷི་མཱ་ན” ཞེས་པ་སྟེ། དེ་ཡང་ “ཨ་བྷི” མངོན་པར། “མཱ་ན” ནི་རློམ་པའམ་ཁེངས་པ་སྟེ་ང་རྒྱལ་གྱི་དོན་ལ་བཤད་དོ། །དེས་ན་མངོན་པའི་ང་རྒྱལ་ཞེས་པའི་མངོན་པ་ནི་མངོན་པར་ཏེ། ལྷག་པར། ཤིན་ཏུ། རབ་ཏུ། ཤས་ཆེར་སོགས་ལ་འཇུག་པས། སེམས་ལྷག་པར་ཁེངས་པའི་དོན་ཡིན་པར་སེམས་སོ། །
|