6398

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངོན་པར་འབྱུང་བའི་མདོ
Tibetan Definition འདིར་སྟོན་པའི་རྣམ་ཐར་གསུངས་ཡོད། “ཨབྷི་ནིཥྐྲ་མཎ་སཱུཏྲ” ། མངོན་པར་འབྱུང་བའི་མདོ་ཞེས་བྱ་བ། མདོ་སྡེ་༼ ས ༽པའི་ནང་བཞུགས། འདི་ལ་ཤོག་ལྡེབས་སམ་ཤོག་ལྷེ་༡༢༥དང་། ངོས་ཤོག་༢༤༩ཡོད། འདི་ལུང་གཞིའི་ནང་གི་སངས་རྒྱས་ཀྱི་རྣམ་ཐར་རྣམས་ཚིག་བསྡུས་སུ་བཏང་བ་ཙམ་ལས་དོན་ལས་ཁྱད་པར་མ་མཐོང་། རྒྱ་ཆེར་རོལ་པའི་མདོ་ནི་མདོ་དེ་གཉིས་དང་མི་འདྲ་བའི་ཁྱད་པར་མང་དུ་ཡོད་དོ། །