640

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲི་ལྡེ་སྲོང་བཙན
Tibetan Definition ཁྲི་རལ་པ་ཅན་གྱི་ཡབ། ཡང་བུ་སྟོན་ཆོས་འབྱུང་དུ་སྲོང་བཙན་སྒོམ་པོའི་ཐོག་མའི་མིང་དང་། སྲོང་བཙན་སྒམ་པོ་ནི་ཕྱིས་སུ་བཏགས་པའི་མིང་ཞིག་ཡིན་པར་གསུངས་ཏེ། བུ་སྟོན་ཆོས་འབྱུང་༡༨༢ལས། གནམ་རི་སྲོང་བཙན་དང་། བཙུན་མོ་ཚེ་སྤོང་བཟའ་འབྲི་བཟའ་ཐོད་དཀར་གྱི་སྲས་མཚན་དང་ལྡན་པ་དབུ་ལ་ཨ་མི་ཏཱ་བྷ་བཞུགས་པ་ཞིག་མེ་མོ་གླང་ལ་བྱམས་པ་མི་འགྱུར་གླིང་དུ་བལྟམས་ཏེ་ཁྲི་ལྡེ་སྲོང་བཙན་དུ་བཏགས་ཏེ། ཞེས་གསལ་བར་གསུངས་སོ། །འགའ་ཞིག་གིས། འདི་ཡིག་ནོར་རེད་ཟེར། ཁྲི་སྲོང་བཙན་ཟེར་རྒྱུར། ཁྲི་ལྡེ་སྲོང་བཙན་ཞེས་ “ལྡེ” ཡིག་ལྷག་པའི་་ཡིག་ནོར་བྱུང་བར་བཤད། བོད་རྒྱ་ཚིག་མཛོད་ཆེན་མོར། ཁྲི་ལྡེ་སྲོང་བཙན་ནི་ཁྲི་སྲོང་ལྡེའུ་བཙན་གྱི་སྲས་གསུམ་པ་མུ་ཏིག་བཙན་པོ་ཡིན་ཞེས་པ་དང་། ཡང་སྲས་བཞི་པའོ་ཞེས་དང་། ཡང་དབོན་སྲས་ཁྲི་རལ་པ་ཅན་ཡིན་ཞེས་པ་སོགས་བཞེད་ཚུལ་སྣ་ཚོགས་འདུག་གོ། “ཁྲི་ལྡེ་སྲོང་བཙན” ཁྲི་རལ་གྱི་ཡབ་ཡིན་པར་བཤད་པ་དང་། ཡང་དེབ་སྔོན་སྟོད་ཆ་༧༧ལས་མུ་ནེ་བཙན་པོའི་མཇུག་ཐོག་ཏུ། ཁྲི་ལྡེ་སྲོང་བཙན་རྒྱལ་སར་བསྐོར་པས་གསུངས་པ་རྣམས་གུང་བསྒྲིགས་ན། བབས་ས་གཅིག་ཏུ་བབས་པར་སྣང་བས། ཕལ་ཆེར་ཁྲི་ལྡེ་སྲོང་བཙན་ཁྲི་རལ་གྱི་ཡབ་ཡིན་པར་བཤད་པ་ཉིད་འཐད་ཕྱོགས་སུ་མཐོང་ཡང་། ད་དུང་དཔྱད་དོ། །