From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མངོན་པར་སྐབས་ཡོད་ཀྱི་གཟུགས
|
Tibetan Definition
|
བར་གྱི་སྣང་བ་སྐྱ་སེང་བ་ལྟ་བུ་ལ་ཟེར། དེ་ཡང་མིག་ཤེས་ཀྱི་གཟུང་ཡུལ་ཁ་དོག་གིས་བསྡུས་པའོ། །སྒྲ་བཤད་ནི། ཕ་རིའི་གཟུགས་མངོན་པར་ཏེ་མིག་ཤེས་ཀྱིས་མཐོང་བ་ལ་གོ་སྐབས་འབྱེད་པའམ་ཕན་འདོགས་པའི་གཟུགས་ཡིན་པས་དེ་སྐད་ཅེས་བྱའོ། །མདོར་ན། ཕ་རིའི་གཟུགས་མཐོང་བ་ལ་བར་གྱི་སྣང་བ་ལ་ངེས་པར་བརྟེན་དགོས་པ་ལྟ་བུའོ། །མངོན་པར་སྐབས་ཡོད་ཀྱི་གཟུགས་ལ་མིག་ཤེས་ཀྱི་གཟུང་བྱ་ཡིན་མི་དགོས་པ་ནི། ཡིད་ཤེས་ཁོ་ན་ལ་སྣང་བའི་བར་གྱི་སྣང་བ་སྐྱ་སེང་བ་ལྟ་བུའང་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་དང་མངོན་པར་སྐབས་ཡོད་ཀྱི་གཟུགས་སུའང་ཀུན་བཏུས་དར་ཊཱིཀ་ལས་གསུངས་སོ། །
|