From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མངོན་ཤེས་དྲུག
|
Tibetan Definition
|
(ཕར་ཕྱིན) རྫུ་འཕྲུལ་གྱི་མངོན་ཤེས། ལྷའི་རྣ་བའི་མངོན་ཤེས། གཞན་སེམས་ཤེས་པའི་མངོན་ཤེས། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས། ལྷའི་མིག་གི་མངོན་ཤེས། ཟག་པ་ཟད་པའི་མངོན་ཤེས་དང་དྲུག་གོ ། ༡ མངོན་ཤེས་དྲུག་གི་ནང་ཚན་གང་ཞིག། ས་གཡོ་བ་དང་གཅིག་ཏུ་སྒྱུར་ཞིང་མང་པོར་སྤྲུལ་པ་ལ་སོགས་པ་བྱེད་པར་ནུས་པའི་རིག་པ། རྫུ་འཕྲུལ་གྱི་མངོན་ཤེས་ཀྱི་མཚན་ཉིད། ༢ དེ་གང་ཞིག། རང་གི་བདག་རྐྱེན་དུ་གྱུར་བའི་ལྷའི་རྣ་བ་ལས་སྐྱེས་ཤིང་འཇིག་རྟེན་གྱི་ཁམས་ཀྱི་སྒྲ་ཕྲ་རགས་ཤེས་པ། ལྷའི་རྣ་བའི་མངོན་ཤེས་ཀྱི་མཚན་ཉིད། ༣ དེ་གང་ཞིག། གཞན་གྱི་སེམས་འདོད་ཆགས་དང་བཅས་མ་བཅས་སོགས་ཤེས་པའི་རིགས་སུ་གནས་པ། གཞན་སེམས་ཤེས་པའི་མངོན་ཤེས་ཀྱི་མཚན་ཉིད། རིགས་གནས་སྨོས་པ་ལ་དགོས་པ་ཡོད་དེ། ཕྱི་རོལ་བའི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་དེ་གཞན་གྱི་སེམས་འདོད་ཆགས་དང་བཅས་མ་བཅས་སོགས་རྟོགས་མི་ནུས་པའི་ཕྱིར་ཏེ། དེས་དེ་འདོད་ཆགས་དང་བྲལ་བ་དེ་རྟོགས་མི་ནུས་པའི་ཕྱིར། ༤ དེ་གང་ཞིག། རང་གཞན་གྱི་ཚེ་རབས་སྔ་མ་དུ་མ་རྗེས་སུ་དྲན་པའི་རིགས་སུ་གནས་པ། སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཀྱི་མཚན་ཉིད། རིགས་གནས་སྨོས་པ་ལ་དགོས་པ་ཡོད་དེ། སྔར་བཞིན། སྔོན་གནས་རྗེས་དྲན་ཙམ་ལ་དབྱེ་ན་སྔར་བཞིན་གསུམ་ལས། ༥ དེ་གང་ཞིག། རང་གི་བདག་སྐྱེན་དུ་གྱུར་པའི་ལྷའི་མིག་ལ་བརྟེན་ནས་སྐྱེས་ཤིང་འཇིག་རྟེན་གྱི་ཁམས་ཀྱི་གཟུགས་ཕྲ་རགས་མངོན་སུམ་དུ་མཐོང་བ། ལྷའི་མིག་གི་མངོན་ཤེས་ཀྱི་མཚན་ཉིད། ༦དེ་གང་ཞིག ཉོན་སྒྲིབ་ཟད་པར་སྤངས་པ་དེ། ཟག་ཟད་ཀྱི་མངོན་ཤེས་ཀྱི་མཚན་ཉིད།
|