6419

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངོན་སྤྱོད
Tibetan Definition དྲག་ལས། དྲག་པོའི་སྤྱོད་པ། མངོན་ནི་དྲག་པོ་དང་། སྤྱོད་ནི་བྱ་བའི་མིང་ངོ་། །ཞིབ་ཏུ་བཤད་ན། མངོན་ནི་མངོན་པར་ཏེ། ལྷག་པར། རབ་ཏུའམ། ཧ་ཅང་ངམ། ཤུགས་དྲག་གམ། དྲག་པོ་བཅས་ཀྱི་དོན་དང་། སྤྱོད་ནི་སྤྱོད་པ་སྟེ། སྦྱོར་བའམ་བྱ་བའི་དོན་ནོ། །མངོན་སྤྱོད། དྲག་སྤྱོད། དྲག་སྦྱོར། དྲག་པོའི་བྱ་བ། དྲག་ལས་རྣམས་དོན་གཅིག དེ་ཡང་ལེགས་སྦྱར་གྱི་” ཨཱ་བྷི་ཙརྱ” ཞེས་པའི་སྒྲ་ལས། “ཨཱ་བྷི” ནི་མངོན་པར། “ཙརྱ” ནི་སྤྱོད་པའོ། །