6428
Jump to navigation
Jump to search
མཆན་བུ | |
Tibetan Definition | 1 གཞུང་དངོས་གཞིའི་ཚིག་གི་འོག་ཏུའམ་དེ་དང་ཉེ་བར་བཏགས་པའི་འགྲེལ་བཤད་ཡིག་ཆུང་ལ་ཟེར། སྒྲ་བཤད་ནི། གཞུང་དངོས་གཞིའི་འོག་ཏུ་བཏགས་པའི་ཡིག་ཆུང་ཡིན་པས་ན་དེ་སྐད་ཅེས་བྱ་བར་བཏགས་ཏེ། དེ་ཡང་མཆན་འདིར་འོག་གི་དོན་ཡིན་པར་སེམས་ཏེ། དཔེར་ན་དཔུང་པའི་འོག་ལ་མཆན་ཁུང་ཟེར་བ་ལྟ་བུའོ། །བུ་ཞེས་པ་ནི་འདིར་ཆུང་བའི་དོན་ནོ། ། |
---|