6448

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆིལ་མའི་ཐལ་བ
Tibetan Definition མཆིལ་མ། ཁ་ཆུའི་ཐིགས་པའམ་རྡུལ། མཆིལ་མའི་རྡོག་པོ། མཆིལ་མའི་དུམ་བུ། འདིའི་ཐལ་བ་ཞེས་པ་ཡོངས་གྲགས་ཀྱི་ས་ཡི་ཐལ་བ་ལྟ་བུ་ལ་མི་གོ་བར་རྡུལ་ལམ་ཐིགས་པ་ལ་གོ་དགོས། འོ་ན་འདི་ལ་ཐལ་བ་ཞེས་བརྗོད་པའི་རྒྱུ་མཚན་གང་ཡིན་ཞེ་ན། འཇིག་རྟེན་ནའང་རྡུལ་གྱི་ཕུང་པོ་ལ་ཐལ་བ་ཞེས་པ་བརྗོད་པ་ལྟར། འདི་ཡང་ཁ་ཆུའི་རྡུལ་མང་པོ་བསགས་པའི་ཚོགས་པ་ཡིན་པས་ཐལ་བ་ཞེས་བཏགས་པའམ། ཡང་ན་འདིའི་ཐལ་བ་ཞེས་པ་རྡུལ་གྱི་མིང་སྟེ། དེ་ཡང་དྲི་མའམ་མི་གཙང་བའམ་སྐྱོན་བཅས་ཀྱི་མིང་ཡིན་པས། ཁ་ནས་འཛག་པའི་མི་གཙང་བ་ལ་ཐལ་བའམ་རྡུལ་ཞེས་མིང་བཏགས་ཏེ། དཔེར་ན་མིག་སྐྱག་ལ་མིག་གི་རྡུལ་ཞེས་བརྗོད་པ་བཞིན་ནོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༨༥ན༤ལས། མཆིལ་མའི་ཐལ་བ་ཞེས་བྱ་བ་ནི་བད་ཀན་ནོ། །ཞེས་གསུངས་སོ། །