6475

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོག་ཟུང་གཅིག
Tibetan Definition ཤཱ་རིའི་བུ་དང་། མོ་དགལ་གྱི་བུ་གཉིས་ལ་ཟེར། འདུལ་བ་ལུང་གཞི་དང་། རྗེ་ཙོང་ཁ་པ་ཆེན་པོའི་ལམ་རིམ་ཆེན་མོར། མཆོག་ཟུང་གཅིག་ཅེས་འབྱུང་། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་དེབ་གཟུགས་༦༤ལས་ཀྱང་། མཆོག་ཟུང་གཅིག་ནི་སྟོན་པའི་སྔ་རོལ་དུ་མྱ་ངན་ལས་པ་ཡིན་ལ། ཞེས་གསུངས་པ་ལྟར་རོ། །འགའ་ཞིག་གིས། མཆོག་ཟུང་གཉིས་ཞེས་ཐ་སྙད་མཛད་པ་ནི་ནོར་རོ། །དེའི་རྒྱུ་མཚན་ནི། ཟུང་ནི་གཉིས་སམ་ཆའི་དོན་ཡིན་པས། ཆ་གཉིས་ལ་ཡ་བཞིར་འགྱུར་བའི་ཕྱིར་རོ། །