6489

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོད་ཕྱིར་ཐོགས
Tibetan Definition ཕྲག་པ་ནས་མཆན་ཁུང་བར་རྒྱ་གྲམ་དུ་འཆིང་རྒྱུའི་མི་རུས་ཀྱི་ཕྲེང་རྒྱན་ཞིག རྗེའི་འདོད་འཇོ་ལས། མཆོད་ཕྱིར་ཐོགས་ནི་མི་རུས་ལས་བྱས་པར། འཁྲུལ་སྤོང་དང་ཁྱད་པར་གསལ་བྱེད་ལས་བཤད་ལ། ཞེས་གསུངས། དངུལ་ཆུའི་གསུང་རྣལ་འབྱོར་མའི་བསྐྱེད་རྫོགས་ཀྱི་ཟིན་བྲིས་ལས། རྒྱབ་མདུན་གྱི་སྙིང་གའི་ཐད་དུ་རྡོ་རྗེ་རྩེ་གསུམ་པས་མཚན་པས་འཁོར་ལོ་རྩིབས་བརྒྱད་པ་ཕྱི་དབྱིབས་གྲུ་བཞི་པའི་ཟུར་བཞི་ལས་ཐོན་པས་རུས་ཕྲེང་ཉིས་གཤིབས་སམ་སུམ་གཤིབས་ཕྲག་གོང་གཉིས་ནས་མཆན་ཁུང་གཉིས་སུ་བསྣོལ་མར་བཏང་བའི་ཚངས་སྐུད་དོ། །ཞེས་གསུངས། སེ་རལ་ཁ། ཚངས་སྐུད། སྐུད་པ་སེ་རལ་ཁ། མཆོད་ཕྱིར་ཐོགས་རྣམས་དོན་གཅིག་སྟེ། རྗེའི་འདོད་འཇོ་ལས། མཆོད་ཕྱིར་ཐོགས་ནི་མི་རུས་ལས་བྱས་པར་འཁྲུལ་སྤོང་དང་། ཁྱད་པར་གསལ་བྱེད་ལས་བཤད་ལ། མིང་གཉིས་པ་ཚངས་སྐུད་ཅེས་ཀྱང་འབྱུང་སྟེ། སེ་རལ་ཁ་ཐོགས་པའོ། །ཞེས་གསུངས།