6490

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོད་བརྗོད་དང་རྩོམ་པར་དམ་བཅའ
Tibetan Definition མཆོད་བརྗོད་ནི་བསྟན་བཅོས་རྩོམ་པའི་ཐོག་མར་སངས་རྒྱས་སོགས་རང་གི་ལྷག་པའི་ལྷ་ལ་གུས་པས་བསྟོད་པའོ། །རྩོམ་པར་དམ་བཅའ་ནི་བསྟན་བཅོས་བརྩམ་པར་དམ་བཅའ་བའམ་ཁས་ལེན་པའོ། །བསྟན་བཅོས་ཚད་ལྡན་ཡིན་ཚད་ལ་རྩོམ་པར་དམ་བཅའ་དངོས་སུ་ཡོད་དགོས་པའི་ངེས་པ་མེད་དེ། དཔེར་ན་རྩོམ་པར་དམ་བཅའ་ཡོད་ལ། མཆོད་བརྗོད་མེད་པ། བཤེས་སྤྲིངས་ལྟ་བུ། མཆོད་བརྗོད་ཡོད་ལ། རྩོམ་པར་དམ་བཅའ་དངོས་སུ་མེད་པ། རྩ་བ་ཤེས་རབ་ལྟ་བུ། གཉིས་ཀ་ཡོད་པ་ནི་ཤིན་ཏུ་མང་། གཉིས་ཀ་མེད་པ་ནི་མངོན་པ་ཀུན་འདུས་ལྟ་བུའོ། །རྗེའི་གསུང་བཞིན་བཀོད།