6504

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་བཅུ
Tibetan Definition དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། གཟུགས་བཟང་ཞིང་མདོག་གསེར་གྱི་ཁ་དོག་ལྟ་བུར་འགྱུར་བ་དང་མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ་དང་། སྐད་སྙན་ཅིང་གཟུང་བའི་ཚིག་ཏུ་འགྱུར་བ་དང་བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ་དང་ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་གཟི་བྱིན་ཆེན་པོར་འགྱུར་བ་དང་གཟི་བྱིན་ཆེན་པོའི་གང་ཟག་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་འགྲོགས་པར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བ་འི་ཕན་ཡོན་ནོ། །ཞེས་ལས་རྣམ་པར་འབྱེད་པ། མདོ་༼ ས ༽༢༩༤ན ༤ལས་གསུངས། དེའི་གོང་དུ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱོར་བའི་ཕན་ཡོན་བཅུ་ཡང་གསུངས་སོ། །