From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཆོད་རྟེན་ལ་མར་མེ་དབུལ་བའི་ཕན་ཡོན་བཅུ
|
Tibetan Definition
|
ལས་རྣམ་པར་འབྱེད་པ་ལས། མདོ་༼ ས ༽༢༩༥ བ༢ལས། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་དབུལ་བའི་ཕན་ཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན། འཇིག་རྟེན་ན་མར་མེ་ལྟ་བུར་འགྱུར་བ་དང་། ཤའི་མིག་རྣམ་པར་དག་པར་འགྱུར་བ་དང་། ལྷའི་མིག་འཐོབ་པར་འགྱུར་བ་དང་། དགེ་བ་དང་མི་དགེ་བའི་ཆོས་རྣམས་ལ་ཤེས་རབ་འབྱུང་བར་འགྱུར་བ་དང་། མ་རིག་པ་དང་གཏི་མུག་གི་མུན་པ་སེལ་བ་དང་། ཤེས་རབ་ཀྱི་སྣང་བ་འཐོབ་པར་འགྱུར་བ་དང་། དེ་འཁོར་བ་ན་འཁོར་བའི་ཚེ་ནམ་ཡང་མུན་པ་ན་གནས་པར་མི་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་ནོ། །ཞེས་གསུངས། གཞན་ཡང་ཕྲེང་བ་ཕུལ་བའི་ཕན་ཡོན་དང་། བདུག་སྤོས་ཕུལ་བའི་ཕན་ཡོན། རོལ་མོ་དང་སིལ་སྙན་ཕུལ་བའི་ཕན་ཡོན་བཅུ་སོགས་གསུངས་སོ། །
|