From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| མཆོད་སྡོང
|
| Tibetan Definition
|
1 མཆོད་རྟེན། སྒྲ་བཤད་ནི། མཆོད་པའི་སྡོང་གྲོགས་སམ་ཆེད་དུའམ་རྟེན་དུ་བཙུགས་པའམ་བཞེངས་པས་ན་མཆོད་སྡོང་ཞེས་བྱའོ། །ས་པཎ་གྱིས་མཛད་པའི་སྒྲ་ལ་འཇུག་པ་ཞེས་བྱ་བ་༥ན༤ལས། མཆོད་པའི་ཆེད་དུ་བཙུགས་པ་ནི། མཆོད་སྡོང་ཞེས་དགོས་ཆེད་ཀྱི་ཚིག་བསྡུས་པ་དང་། ཞེས་གསུངས་ཤིང་། རང་གི་རྣམ་བཤད་ལས་ཀྱང་། མཆོད་སྡོང་གཟུགས་པ་དང་རྒྱལ་མཚན་བསྒྲེང་བ་ཞེས་བྱ་བ་ལ། མཆོད་སྡོང་གི་སྒྲས་ནི་གཟུགས་པ་དང་འབྲེལ་བའོ། །ཞེས་གསུངས་པ་འདི་དང་གོང་གི་ས་པཎ་གྱི་ཚིག་དེ་གཉིས་འབྲེལ་བ་ཡོད་དམ་སྙམ་ཡང་དཔྱད།
|