From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| ཁྲུང་ཁྲུང
|
| Tibetan Definition
|
བྱ་ཁྲུང་ཁྲུང་། ཁྲུང་ཁྲུང་དཀར་མོ། མགྲིན་པ་དང་རྐང་པ་རིང་ལ་མདོག་དཀར་བའི་བྱ་ཞིག རྒྱལ་མཆོག་ཚངས་དབྱངས་རྒྱ་མཚོས། བྱ་དེ་ཁྲུང་ཁྲུང་དཀར་མོ། །གཤོག་རྩལ་ང་ལ་གཡོར་དང་། །ཐག་རིང་རྒྱང་ལ་མི་འགྲོ། ལི་ཐང་བསྐོར་ནས་སླེབས་ཡོང་། །ཞེས་གསུངས། འདི་མང་པོས་སྐུ་ཕྲེང་ཕྱི་མ་གང་དུ་འཁྲུང་བར་སྟོན་པའི་མ་འོངས་ལུང་བསྟན་ཡིན་ཟེར། བྱ་འདི་བསམ་པ་བཟང་ལ་སྙིང་རྗེ་ཡང་ཤིན་ཏུ་ཆེ་བའི་བྱ་ཞིག་སྟེ། སྔོན་ཁ་ན་ཌའི་ས་ཁུལ་ཞིག་ཏུ་དགུན་དུས་གནམ་གཤིས་གྲང་ངར་ཤིན་ཏུ་ཆེ་སྐབས་ཤིག་ལ། ཤ་ཕྲུག་ཅིག་འཁྱག་རོམ་དུ་ཚུད་ནས་ཤི་ལ་ཁད་དུ་གྱུར་པར་མཐོང་ནས་སྙིང་རྗེས་མ་བཟོད་དེ། དེའི་ཉེ་འགྲམ་སོང་ནས་ཕར་རྒྱུ་ཚུར་རྒྱུ་བྱེད་བཞིན་ཤ་ཕྲུག་དེ་མིས་བཏོན་མ་ཟིན་པར་བསྡད་ནས། བཏོན་ཟིན་པ་ན་བློ་བདེ་བདེ་ལྟར་བྱས་ནས་ཕྱིན་སོང་། ཨ་ཙི་དུད་འགྲོ་ནི་འགྲོ་བ་མི་ལས་ཀྱང་བསམ་པ་བཟང་བ་འདུག གནས་ཚུལ་འདི་ཕྱི་ལོ་༢༠༠༧-༡-༡༦ཉིན་གྱི་གཟུགས་མཐོང་བརྙན་འཕྲིན་ “ཨེ་ཅེན་ནལ” “A Channel” ནང་གནས་ཚུལ་སྤེལ་སོང་།
|