From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| མཉམ་པར་བཞག་པ
|
| Tibetan Definition
|
བྱིང་རྒོད་དང་བྲལ་བའི་སྒོ་ནས་སེམས་དམིགས་པ་ལ་རྩེ་གཅིག་ཏུ་བཞག་པ། སྒྲ་བཤད་ནི། བྱིང་རྒོད་ཀྱི་མཐའ་གཉིས་དང་བྲལ་ནས་སེམས་ཆ་མཉམ་པར་བཞག་པས་དེ་སྐད་ཅེས་བྱ། ལམ་རིམ་ཆེན་མོར་གཞི་བྱས། འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས་ཀྱང་། མཉམ་པར་གཞག་པ་ཞེས་བྱ་བ་ནི་མི་རྒོད་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། ཞེས་གསུངས་སོ། །དཔེ་དང་སྦྱར་ནས་བཤད་ན། སྲང་མདའ་མཐོ་དམའ་མེད་པར་དབུས་ན་དྲང་པོར་གནས་པ་ལ་མཉམ་པར་གནས་ཞེས་པ་ལྟར། སེམས་བྱིང་རྒོད་ཀྱི་མཐའ་གང་དུའང་མི་གནས་པ་ལ་མཉམ་པར་བཞག་པ་ཞེས་བྱའོ། །སྙོམས་པར་འཇུག་པ་དང་དོན་གཅིག
|