6532

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཉམ་བཞག་ནམ་མཁའ་ལྟ་བུའི་སྟོང་ཉིད
Tibetan Definition སྟོང་པ་ཉིད་དང་དོན་གཅིག རྗེའི་ལྷག་མཐོང་ཆེན་མོ་ལས། རིགས་པའི་ཤེས་པས་ཆོས་ཅན་སྣང་བ་ལ་སྐྱེ་འགག་སོགས་ཀྱི་རང་བཞིན་རྣམ་པར་བཅད་པ་ཙམ་གྱི་སྟོང་པ་ལ་ནམ་མཁའ་ལྟ་བུའི་སྟོང་ཉིད་དང༌། ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། མཉམ་བཞག་གི་ཡུལ་ཡིན་པ་དང༌། ནམ་མཁའ་དེ་ཐོགས་རེག་བཀག་ཙམ་གྱི་མེད་དགག་ཡིན་པ་ལྟར་འདི་ཡང་དགག་བྱ་བདེན་གྲུབ་བཀག་ཙམ་གྱི་མེད་དགག་ཡིན་པས་ནམ་མཁའ་ལྟ་བུའི་ཐ་སྙད་བྱས་སོ། །