From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| མཐའ་གཅིག་ཏུ
|
| Tibetan Definition
|
2 ཟུར་ཞིག་ཏུ། མི་མེད་པའི་ཕྱོགས་ཤིག་ཏུ། འདུལ་བ་ལུང་གཞི་ལས། དེ་ (བྲམ་ཟེའི་ཁྱེའུ་ཉེ་རྒྱལ་དང་པང་ནས་སྐྱེས) གཉིས་ཚེ་དང་ལྡན་པ་རྟ་ཐུལ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །ཞེས་གསུངས་པ་ལྟ་བུའོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། མཐའ་གཅིག་ཏུ་ཞེས་བྱ་བ་ནི་སྐྱེ་བོ་མེད་པའི་གནས་སུའོ། །ཞེས་དང་། ཡང་དེ་ཉིད་ལས། མཐའ་གཅིག་ཏུ་ཞེས་བྱ་བ་ནི་ཕྱོགས་གཅིག་ཏུའོ། །འདུག་གོ་ཞེས་བྱ་བ་ནི་འགྲེང་བཞིན་དུ་སྡོད་པའོ། །ཞེས་གསུངས་པ་ལྟར་རོ། །
|