6568

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐའ་བཞི་ལས་སྐྱེ་བ་མེད་པ
Tibetan Definition (དབུ་མ) བདག་ལས་སྐྱེ་བ་མེད་པ། གཞན་ལས་སྐྱེ་བ་མེད་པ། གཉིས་ཀ་ལས་སྐྱེ་བ་མེད་པ། རྒྱུ་མེད་ལས་སྐྱེ་བ་མེད་པ་དང་བཞིའོ། །ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། དཔལ་ཟླ་བའི་དབུ་མ་ལ་འཇུག་པ་ལས། དེ་ཉིད་དེ་ལས་འབྱུང་མིན་གཞན་དག་ལས་ལྟ་ག་ལ་ཞིག །གཉི་ག་ལས་ཀྱང་མ་ཡིན་རྒྱུ་མེད་པར་ནི་ག་ལ་ཡོད། །ཅེས་གསུངས་པ་ལྟར་རོ། །