658

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲེ་རྒོད
Tibetan Definition རི་སོགས་སུ་བདག་མེད་དུ་སྐྱེ་བའི་ཁྲེའི་རིགས། འདི་ཁྲེ་ཞེས་པའི་འབྲུ་དེའི་རིགས་ཞན་པ་ཞིག་ཡིན། ཕྱི་རྒྱལ་བས་wild millet ཟེར། འགྲེལ་པ་ཟླ་ཟེར་༼ གསོ་རིག་ཀོ་པ ༽༦༨ན༢ལས། ཁྲེ་རྒོད་མཆོག་ཏུ་འཁྲུ་གཅོད་ཅིང་། །རེག་ན་བསིལ་ལ་དུག་སེལ་ཡིན། །ཞེས་བྱ་བ་ནི། རྩ་ཅན་གྱི་འབྲུའི་ནང་ཁྲེ་རྒོད་དེ། ཀོ་ཏྲ་བ་ནི་ཤིན་ཏུ་ཡང་འཁྲུ་བ་གཅོད་ཅིང་། སྡུད་པའི་ངང་ཚུལ་དང་། རེག་ན་བསིལ་བ་སྟེ། ཕྱི་རོལ་དུ་བསྐུ་བ་ལ་སོགས་པ་ལ་སྦྱར་ན། རེག་ན་བསིལ་བ་ཉིད་ཀྱིས་ཚ་བ་སེལ་བར་བྱེད་དོ། །དུག་སེལ་ཞིང་འཇོམས་པ་ཡིན་པས་ན། དུག་སེལ་ཡིན་ཞེས་བྱའོ། །ཞེས་གསུངས་སོ། །ཁྲེ་རྒོད་ནི། འབྲུ་རིགས་སྤུས་ཀ་ཞན་པ་ཞིག་ཡིན་ཏེ། མདོ་སྡེ་༼ ཧ་པ ༽ལས་བརྒྱ་པ་ཀུན་དགའ་བོའི་ལོ་རྒྱུས་འཆད་པའི་སྐབས་༢༦༧ན༧ལས། འབྲུ་རྣམས་ཀྱང་མ་རུང་བར་གྱུར་པས་མུ་གེ་འབྱུང་བར་འགྱུར་རོ། །མུ་གེ་བྱུང་ནས་མི་རྣམས་ཟས་སུ་ཁྲེ་རྒོད་ཟ་བར་འགྱུར་ཏེ། ཉམ་སྟོབས་ཆུང་ཞིང་གཟི་བརྗིད་ཆུང་བར་འགྱུར་རོ། །ཞེས་གསུངས་སོ། །དྲི་མེད་ཤེལ་ཕྲེང་༥༩ལས་ཀྱང་། ཁྲེ་རྒོད་འཁྲུ་གཅོད་དུག་སེལ་རེག་ན་བསིལ། །ཞེས་གསུངས།