From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| མཐུན་པའི་གསོ་སྦྱོང
|
| Tibetan Definition
|
(འདུལ་བ) ཡོངས་གྲགས་ཀྱི་གསོ་སྦྱོང་ལ་ཟེར། སྒྲ་བཤད་ནི། མདོ་འདོན་པ་ནི་གསོ་སྦྱོང་ཡིན་ལ། དེ་ཀུན་ལ་མཐུན་པ་སྟེ་གཅིག་མཚུངས་ཡིན་པས་དེ་སྐད་ཅེས་བྱའོ། །དེ་ཡང་དཔེར་ན་དེ་རིང་གསར་དུ་ཞུགས་པའི་བཙུན་ཆུང་དང་ལོ་བརྒྱ་ལོན་པའི་གནས་བརྟན་བགྲེས་སོང་གཉིས་ལ་སོ་ཐར་གྱི་མདོ་གཅིག་མ་གཏོགས་རྒན་པ་ལ་དམིགས་བསལ་གྱི་ཁྱད་པར་དུ་འཕགས་པའི་མདོ་ལོགས་པ་ཞིག་མེད་པས་མཐུན་པ་ཞེས་བྱའོ། །སོ་སོར་ཐར་པའི་མདོ་ལས། མཆོག་གཅིག་འདོན་པ་གཅིག་ཅིང༌། ཞེས་གསུངས་པ་ལྟར་རོ། །མཆོག་གཅིག་ཅེས་བྱ་བ་ནི། འབྲས་བུ་གཅིག་པ་སྟེ། མྱ་ངན་ལས་འདས་པའི་འབྲས་བུ་མཆོག་གཅིག་དང་ལྡན་པའི་ཕྱིར་རོ། །ཞེས་དང༌། འདོན་པ་གཅིག་ཅིང་ཞེས་བྱ་བ་ནི། གསོ་སྦྱོང་མཐུན་པ་སྟེ། ཕན་ཚུན་བརྗོད་དུ་རུང་བ་དེ་སོ་སོར་ཐར་པ་འདོན་པ་ཐ་དད་པ་མེད་པའི་ཕྱིར་རོ། །ཞེས་སོ་ཐར་གྱི་མདོའི་འགྲེལ་པར་གསུངས་པ་ལྟར་རོ། །
|