6595

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐོ་རིས
Tibetan Definition <སྭརྒ> 1 ལྷ་ཡུལ། ལེགས་སྦྱར་དུ་ स्वर्गः svargah ཟེར། མཐོ་རིས་ཀྱི་སྐད་དོ་སྭརྒ་ཞེས་པ་བྱེ་བྲག་རྟོགས་བྱེད་ཆེན་པོ་༨༠ན༥ན་གསལ། འདུལ་བ་ལུང་གཞི་རྒྱ་ཆེར་འགྲེལ་པ་ལས། མཐོ་རིས་ཞེས་བྱ་བ་ནི་ལྷའི་འཇིག་རྟེན་ནོ། །ཞེས་དང་། ཚོམས་ཀྱི་འགྲེལ་པ་ལས། མཐོ་རིས་ནི་ལྷའི་གནས་ཏེ། ཞེས་གསུངས་སོ། །སྒྲ་བཤད་ནི། མཐོ་ནི་མཐོན་པོ་སྟེ་འདིར་རི་རབ་ལ་ཟེར་ཞིང་། དེའི་སྟེང་དུ་གནས་པའི་འགྲོ་བའི་རིས་སམ་རིགས་ཡིན་པས་མཐོ་རིས་ཞེས་བྱའོ། །མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་༢༧༡བ༥ལས། མཐོ་རིས་ནི་ལྷུན་པོའི་སྟེང་ངོ་། །ཞེས་གསུངས་སོ། །ཡང་ན། མཐོ་ནི་མཐོན་པོ་སྟེ་བཟང་པོ། རིས་ནི་རིགས་སམ་ཕྱོགས་གཏོགས་སྟེ། སྐྱེ་གནས་བཟང་པོའི་རིགས་སམ་ཕྱོགས་གཏོགས་ཞེས་བྱ་བའི་དོན་ནོ། །2 བདེ་འགྲོ། བོད་གཞུང་རྣམས་སུ་བདེ་འགྲོ་སྤྱིའི་མིང་ལྟ་བུར་བེད་སྤྱོད་བྱས་ཡོད།