6596

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐོ་རིས་ཀྱི་ཡོན་ཏན་བདུན
Tibetan Definition རྗེ་ཙོང་ཁ་པ་ཆེན་པོའི་བདེ་སྨོན་ལས། རྟེན་དེ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་གྱི་རྒྱན་དང་མི་འབྲལ་བར་གྱུར་ཅིག །ཅེས་པའི་མཐོ་རིས་ཀྱི་ཡོན་ཏན་བདུན་པོ་གང་ཞེ་ན། རིགས་ཕུན་སུམ་ཚོགས་པ། གཟུགས་ཕུན་སུམ་ཚོགས་པ། འབྱོར་བ་ཕུན་སུམ་ཚོགས་པ། དབང་ཕྱུག་ཕུན་སུམ་ཚོས་པ། ཤེས་རབ་ཕུན་སུམ་ཚོགས་པ། ཚེ་རིང་བ། ནད་མེད་པ་དང་བདུན་ནོ། །དེ་ཡང་རྗེའི་ཐོག་མཐའ་མ་ལས། རིགས་གཟུགས་འབྱོར་དང་དབང་ཕྱུག་ཤེས་རབ་དང༌། །ཚེ་རིང་ནད་མེད་བདེ་དང་ལྡན་པར་ཤོག །ཅེས་གསུངས་པ་ལྟར་རོ། །