6607

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐོལ་བ
Tibetan Definition (འདུལ་བ) རང་ཉེས་མི་གསང་བར་དྲང་པོར་བརྗོད་པའམ་བསྒྲག་པའི་མིང༌། རྒྱལ་ཚབ་ཆོས་རྗེའི་སངས་རྒྱས་སོ་ལྔའི་མཚན་གྱི་ཕན་ཡོན་ལས། སྔར་སྡིག་པ་བྱས་པ་རྣམས་ངག་ཏུ་བརྗོད་པའི་སྒོ་ནས་མཐོལ་བ་དང༌། ཞེས་གསུངས། ཕན་ཡོན་ནི། མཚོ་ཊཱིཀ་ལས། ཉེས་པ་མཐོལ་བས་འཆབ་པའི་ཉེས་པ་མི་འབྱུང་ཞིང༌། འཆབ་པའི་ཉེས་པ་འཕེལ་བ་རྒྱུན་འཆད་པར་འགྱུར་ཏེ། ལུང་གཞི་ལས། བཅབས་པ་ཆར་པ་བཞིན་དུ་འབབ། །མ་བཅབས་ཆར་བཞིན་དེ་མི་འབབ། །ཅེས་གསུངས་སོ། །ཞེས་གསུངས།