6609

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐོལ་ལོ་འཆགས་སོ་མི་འཆབ་བོ
Tibetan Definition (འདུལ་བ) ལྟུང་བའི་མིང་བརྗོད་པས་ན་མཐོལ་ལོ། །ལྟུང་བའི་རིགས་བརྗོད་པས་ན་འཆགས་སོ། །ཚིག་ཏུ་བརྗོད་པ་ཙམ་དུ་མ་ཟད་ཀྱི་ཡིད་ཀྱིས་ཀྱང་མི་འཆབ་པས་ན་མི་འཆབ་བོ་ཞེས་བྱའོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། མཐོལ་ལོ་ཞེས་བྱ་བ་ནི་མིང་བརྗོད་པར་བྱ་བའོ། །འཆགས་སོ་ཞེས་བྱ་བ་ནི་རིགས་བརྗོད་པར་བྱ་བའོ། །མི་འཆབ་བོ་ཞེས་བྱ་བ་ནི་ཚིག་ཏུ་བརྗོད་པ་ཙམ་འབའ་ཞིག་ཏུ་མ་ཟད་ཀྱི་བདག་ཡིད་ཀྱིས་ཀྱང་མི་འཆབ་པའོ། །བདེ་བ་ལ་རེག་པ་ཞེས་བྱ་བ་ནི་རྣམ་པར་དག་པ་ཐོབ་པ་སྟེ། ལྟུང་བ་དང་བྲལ་བའི་རྒྱུས་ཡིད་ཡོངས་སུ་དགའ་བའོ། །ཞེས་གསུངས་སོ། །