6626

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདུན་དུ་བདར
Tibetan Definition 1 མདུན་དུ་འགྲོ་བའམ་བསྐྱོད་པའི་དོན་ལ་འཇུག ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། མདུན་དུ་བདར་བ་ནི་མངོན་དུ་གཤེགས་པའོ། །ཞེས་དང་། བྲམ་ཟེའི་ཁྱེའུའི་ཚོགས་ཀྱིས་མདུན་དུ་བདར་ནས་ཞེས་བྱ་བ་ནི་སྔོན་དུ་འགྲོ་བས་མཆོད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །མི་ཆེན་ལ་བཀུར་སྟི་བྱ་བའི་ཆེད་དེའི་མདུན་ནམ་སྔོན་དུ་འགྲོ་བར་བྱེད་པའི་དོན་དུ་ལུང་ཕྲན་ཚེགས་ལས་གསུངས། ཞེས་དབྱངས་ཅན་དགའ་བློའི་ལམ་རིམ་གྱི་བརྡ་བཀྲོལ་ལས་གསུངས་སོ། །རྗེའི་སྐབས་གསུམ་མ་ལས། བ་ལང་ཁྱུ་ཡི་ཐོག་མར་ཁྱུ་མཆོག་བཞིན། །དགྲ་བཅོམ་འཁོར་གྱི་ཚོགས་ཀྱིས་ (ཡོངས་སུ་བསྐོར་ཞིང་དེ་དག་གི) མདུན་དུ་བདར། ། (བ་སྟེ་བསྐྱོད་དོ) ཞེས་འབྲུ་འགྲེལ་བྱ་དགོས་སོ། །གོང་གི་ཚིག་རྐང་གཉིས་པ་དེ་བ་ལང་ཁྱུ་ཡི་ཞེས་སོགས་དང་དཔེ་དོན་སྦྱར་ནས་ཚིག་འགྲེལ་བྱེད་སྐབས་དཀའ་ཙམ་ཡོད་ཀྱང་གསལ་བར་བཤད་ཡོད་དོ། །དུ་ཀཱུ་ལའི་གོས་བཟང་དེབ་དང་པོ་༣༧༧ལས་ཀྱང་། ས་མདོག་དམར་པོ་ཡོད་པའི་ལམ་གྲོང་སྦུབས་རིང་བརྒྱུད། གཡས་གཡོན་དུ་ཕྱར་དར་འཛིན་མི་དང་དབུས་སུ་རོལ་མོ་སྣ་ཚོགས་ཐོགས་པའི་རྒྱ་མི་རྟ་ཞོན་གྱི་མདུན་བདར་ཏེ་གྲོང་ལང་མཁར་གྱི་ཉེ་འདབས་སུ་སྒར་ཕབ། ཅེས་གསུངས་པ་ལྟ་བུ།