6627

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདུན་དུ་བདར
Tibetan Definition 2 མདུན་དུ་འཁོད་པ་དང་གྲལ་སྒྲིག་པའི་དོན། ངག་སྒྲོན་འགྲེལ་པར་མདུན་ཕྱོགས་ཉིད་དུ་གྲལ་སྒྲིག་པའི་དོན་ལ་བཤད། ཡབ་སྲས་མཇལ་བའི་མདོ་ལས། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ཡང་དྲི་ཟ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཞིང་མདུན་དུ་བདར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པར་གྱུར་ཏེ། ཞེས་དང་། འདུལ་བ་ལུང་གཞི་༼ ག་པ ༽ལས། དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་སྔ་དྲོ་ན་བཟའ་ཤམ་ཐབས་མནབས་ནས་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ། དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ། རྒྱལ་པོ་ཀྲ་ཀྲའི་བཀད་ས་གང་ན་བ་དེར་གཤེགས་ཏེ་བྱོན་ནས། ཞེས་གསུངས་པ་ལྟ་བུ།