6629

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདུན་ན་འདོན
Tibetan Definition <པུ་ཏོ་ཧི་ཏ> 1 རྒྱལ་པོའི་མདུན་དུ་སྐར་བཅོས་དང་རིག་བྱེད་སོགས་འདོན་པའི་བྲམ་ཟེའི་རིགས་ཀྱི་རྒྱལ་པོའི་བླ་མ་ལ་ཟེར། ལུང་གཞི་རྒྱ་ཆེར་འགྲེལ་པ་ལས། མདུན་ན་འདོན་པ་ཞེས་བྱ་བ་ནི་བསོད་ནམས་བྱ་བ་ལ། རྒྱལ་པོའི་བླ་མའོ། །ཞེས་གསུངས་པ་ལྟར་རོ། །2 དེང་སང་མང་པོས་འདི་བློན་པོའི་མིང་དུ་བཤད། ཚིག་མཛོད་ཆེན་མང་པོར་བློན་པོའི་མིང་དུ་བཤད་ཀྱང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། མདུན་ན་འདོན་ནི་པུ་ཏོ་ཧི་ཏ་བྱ་བའི་རྒྱ་སྐད་བསྒྱུར་བ་སྟེ། རྒྱ་གར་གྱི་རྒྱལ་པོའི་ལས་ཚན་ཙམ་ཡིན་ཞིང་། དེ་ཡང་རྒྱལ་པོའི་མདུན་དུ་སྐར་བཅོས་དང་རིག་བྱེད་སོགས་འདོན་པའི་བྲམ་ཟེ་བླ་མཆོད་རེ་ཡོད་པ་དེའི་མིང་ཡིན་མོད། ཕྱིས་ཀྱི་མཁས་པ་རྣམས་དེ་བཀའ་བློན་ལྟ་བུ་ཞིག་གི་མིང་དུ་འཁྲུལ་ནས་སྣང་། དེས་ན་སྔོན་དུས་བོད་ཀྱི་རྒྱལ་པོའི་སྐུ་བོན་བྱ་བ་ཞིག་འདུག་པ་དེ་མདུན་ན་འདོན་གྱི་ཚོད་ཙམ་ཡིན། ཞེས་གསུངས། 3 ནང་འཁོར་རམ་གསོལ་དཔོན། ཞེས་བསྟན་དར་ལྷ་རམས་པ་གསུང་།