6643

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ
Tibetan Definition ཏཱ་ལའི་བླ་མ་བདུན་པ་ཆབ་སྲིད་ཀྱི་འགན་ཁུར་བཞེས་སྐབས། ཞབས་ཞུའི་གྲས་སུ་བཀའ་བློན་བཞི་བསྐོ་གཞག་མཛད་པའི་ནང་ནས་གཅིག་ཡིན། གཞོན་ནུ་ཟླ་མེད་ཅེས་པའི་སྙན་ངག་སྐད་གྲགས་ཅན་དེ་དང་། མི་དབང་རྟོགས་བརྗོད་མཛད་མཁན་ཡང་ཁོང་ཡིན། སི་ཏུའི་འགྲེལ་ཆེན་རྩོམ་པར་སྐུལ་བ་པོ་ཡང་མཁས་མཆོག་འདི་ཉིད་ཡིན། འདིའི་སྐོར་ཟུར་ཙམ་ཞིག་རྒྱལ་མཆོག་བདུན་པའི་རྣམ་ཐར་དུང་དཀར་ཚིག་མཛོད་སོགས་སུ་འཁོད་པར་གཟིགས།