6644

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་མཛངས་བླུན
Tibetan Definition སངས་རྒྱས་དང་ཉན་ཐོས་སོགས་ཀྱི་གཏམ་རྒྱུད་སྟོན་པའི་ཧ་ཅང་ཉན་སྤྲོ་ལ་དད་སེམས་འཕེལ་བའི་ལེའུ་ལྔ་བཅུ་རྩ་གཅིག་གི་བདག་ཉིད་ཅན་གྱི་མདོ་ཞིག ལེའུ་ལྔ་བཅུ་རྩ་གཅིག་ནི། ༡ དཔེ་སྣ་ཚོགས་བསྟན་པའི་ལེའུ། ༢ སྟག་མོ་ལ་ལུས་བྱིན་པའི་ལེའུ། ༣ ཀུན་ཏུ་རྒྱུས་ཚུལ་ཁྲིམས་བསྲུངས་པའི་ལེའུ། ༤ ལུས་བཙོངས་ནས་མཆོད་པ་བྱས་པའི་ལེའུ། ༥ རྒྱ་མཚོ་ལྷས་དྲིས་པའི་ལེའུ། ༦ ལྷའི་བུ་གང་གཱ་ད་རའི་ལེའུ། ༧ རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་རྡོ་རྗེའི་ལེའུ། ༨ གསེར་དབྱིག་གི་ལེའུ། ༩ ལྷའི་མེ་ཏོག་གི་ལེའུ། ༡༠ ལྷའི་རིན་ཆེན་གྱི་ལེའུ། ༡༡ བཟོད་པའི་ལེའུ། ༡༢ རྒྱལ་པོ་བྱམས་པའི་སྟོབས་ཀྱི་སྦྱིན་པའི་ལེའུ། ༡༣ སྟོན་པ་དྲུག་བཏུལ་བའི་ལེའུ། ༼ ཨ ༽༡༥༦བ༣ན་བཞུགས། ༡༤ གཅན་གཟན་ཀུན་ཏས་ལུས་ཀྱི་སྦྱིན་པ་བྱས་པའི་ལེའུ། ༡༥ རབ་ཏུ་བྱུང་བའི་ཡོན་ཏན་བསྔགས་པའི་ལེའུ། ༡༦ དགེ་ཚུལ་གྱི་ཚུལ་ཁྲིམས་བསྲུངས་པའི་ལེའུ། ༡༧ ཁྱིམ་བདག་དབང་པོ་མེད་པའི་ལེའུ། ༡༨ དབུལ་མོས་རས་ཕུལ་བའི་ལེའུ། (༡༩༡ན༡ན་བཞུགས) ༡༩ བྲན་མོ་དབུལ་མོས་ཀཱཏྱཱ་ཡ་ན་ལ་དབུལ་བཙོངས་པའི་ལེའུ། ༢༠ གསེར་ལྷའི་ལེའུ། ༢༡ རིགས་གཉིས་པའི་ལེའུ། ༢༢ རྒྱལ་པོ་ཟླ་འོད་ཀྱིས་མགོ་སྦྱིན་པའི་ལེའུ། ༢༣ བློན་པོ་རི་དྭགས་ཀྱི་བུ་བདུན་གྱི་ལེའུ། ༢༤ ཀ་བྱི་ན་ཆེན་པོའི་ལེའུ། ༢༥ དགེ་སློང་མ་ཨུད་པ་ལའི་ལེའུ། མདོ་སྡེ་༼ ཨ ༽༢༡༤བ༦ན་བཞུགས། ༢༦ ཤུད་དོ་ལག་གར་གྱི་ལེའུ། ༢༧ རྒྱལ་པོ་ཨ་ཤོ་ཀའི་ལེའུ། མདོ་སྡེ་༼ ཨ ༽༢༡༩བ༥ན་བཞུགས། ༢༨ གསེར་གྱི་བུམ་པའི་ལེའུ། ༢༩ བྲམ་ཟེ་མོ་བདེ་བའི་ལེའུ། ༣༠ སྦྱིན་པ་ཆེན་པོ་རྒྱ་མཚོར་ཞུགས་པའི་ལེའུ། (ངོས་རང་ཆུང་དུས་ཆར་ཞུགས་སྐབས་ཤིག་ལ་འདི་བཀླགས་ནས་མིག་ཆུ་མང་དུ་ཤོར་བ་ད་ལྟ་ཡང་ལྷང་ངེར་དྲན) ༣༡ རྒྱལ་པོ་མེ་ལོང་གདོང་གི་ལེའུ། ༣༢ ལེགས་ཚོལ་དང་ཉེས་ཚོལ་གྱི་ལེའུ། ༣༣ རྒྱལ་བུ་དགེ་དོན་གྱི་ལེའུ། ༣༤ ཁྱིམ་བདག་སྡུམས་བྱེད་ཀྱི་ལེའུ། ༣༥ རྒྱལ་པོ་མིག་འབྱེད་ཀྱི་ལེའུ། ༣༦ མི་གདུང་བ་སོར་འཕྲེང་ཅན་གྱི་ལེའུ། ༢༥༣བ༤ན་བཞུགས། ༣༧ བུ་མོ་དགེ་བསྙེན་མའི་ལེའུ། ༣༨ བ་ཤ་ཙིར་གྱི་ལེའུ། ༣༩ ཁྱིམ་བདག་དབྱུག་པ་ཅན་གྱི་ལེའུ། ༤༠ བྲམ་ཟེ་ཤིན་ཙིར་གྱི་ལེའུ། ༤༡ ཁྱིམ་བདག་དན་བྱིལ་གྱི་ལེའུ། ༤༢ གླང་པོ་སྐྱོང་གི་ལེའུ། ༤༣ བྲམ་ཟེས་ལྷན་པ་ཕུལ་བའི་ལེའུ། ༤༤ སངས་རྒྱས་ཐོག་མ་བྱམས་པའི་ཐུགས་བསྐྱེད་པའི་ལེའུ། ༤༥ རྒྱལ་པོ་སྤྱི་བོ་སྐྱེས་ཀྱི་ལེའུ། ༢༨༣ན༦ན་བཞུགས། ༤༦བུ་མོ་སུ་མ་ནའི་བུ་བཅུའི་ལེའུ། ༤༧ ཨུཔ་གུཔྟའི་ལེའུ། ༤༨ ངང་པ་ལྔ་བརྒྱ་ལྷར་སྐྱེས་པའི་ལེའུ། ༤༩ སེང་གེ་ཡི་དམ་བརྟན་པའི་ལེའུ། ༥༠ སྲིན་བུའི་ལོ་རྒྱུས་བསྟན་པའི་ལེའུ། ༥༡ དགེ་ཚུལ་ཀྱུན་ཏེའི་ལེའུ་སྟེ་ལྔ་བཅུ་རྩ་གཅིག་པ་སྟེ་རྫོགས་སོ། །མདོ་འདི་ཐེག་པ་ཆེ་ཆུང་གཉིས་ཀ་བསྲེས་པ་ལྟ་བུ་རྒྱ་གར་དུ་དཔེ་སྣ་ཚོགས་བསྡུས་པའི་ལེའུ་ཞེས་འབོད་ཚུལ་ཡོད་པར། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་༼ ཁ ༽༣༧༥བ༥ལས་གསུངས། སྡེ་དགེ་སྤར་མའི་མདོ་སྡེ་༼ ཨ ༽ པའི་མདོ་སྡེ་ལས་བརྒྱ་པའི་མཇུག་ཤོག་གྲངས་༡༢༩ན་བཞུགས་ཤིང་། མདོ་འདིའི་མཇུག་ཏུ་འདི་རྒྱ་ལས་འགྱུར་བར་སྣང་ཞེས་གསུངས་པར་གཞིགས་ན་རྒྱ་ནག་ལས་འགྱུར་བར་མཐའ་གཅིག་ཏུ་མ་ངེས་པ་ལྟ་བུར་གསུངས་སོ། །