From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མདོ་འཛིན
|
Tibetan Definition
|
<སཱུ་ཏྲ་དྷ་ར> 1 འཕྲེང་ཐག་མ་ཞིགཔར་འཛིན་བྱེད་ཀྱི་བ་སོ་སོགས་ལས་བཟོས་པའི་འཕྲེང་རྡོག་ཆེ་ཤོས་དེའི་མིང༌། དེ་ལ་མདུད་འཛིན་དང༌། འཕྲེང་བའི་བརྒྱ་དཔོན་ཡང་ཟེར། སྒྲ་བཤད་ནི། མདོ་འཛིན་ནི་སྐུད་འཛིན་ཞེས་པའི་དོན་ཏེ། དེ་ཡང་མདོའི་སྐད་དོད་སཱུ་ཏྲ་ནི་སྐུད་པའི་མིང་ལའང་འཇུག་པས་འཕྲེང་སྐུད་དམ་འཕྲེང་ཐག་མ་ཞིག་པར་མཉམ་དུ་འཛིན་བྱེད་ལ། མདོ་འཛིན་ཞེས་ཟེར་རོ། །མདོ་འཛིན་ཞེས་པའི་ཐ་སྙད་འདི་བོད་རྒྱ་ཚིག་མཛོད་སོགས་སུ་མི་སྣང་ཡང༌། རྗེ་ཙོང་ཁ་པ་ཆེན་པོའི་སྔགས་རིམ་ཆེན་མོ་ལས། དེ་ནས་རང་ཉིད་རྡོ་རྗེ་འཆང་གི་ང་རྒྱལ་གྱིས་ལག་པ་གཡས་པའི་སོར་མོ་རྣམས་རྡོ་རྗེ་རྩེ་ལྔ་པའི་ངོ་བོར་སྐད་ཅིག་གིས་བསྒོམས་པ་ལ་ཡི་གེ་ཨཿལས་སྐྱེས་པའི་ཉི་མ་ཨཿཡིས་བྱིན་གྱིས་བརླབས་པ་དང༌། ལག་པ་གཡོན་པའི་སོར་མོ་རྣམས་པད་མའི་འདབ་མའི་རྣམ་པར་སྐད་ཅིག་གིས་བསམས་པ་ལ་ཨཿལས་སྐྱེས་པའི་ཟླ་བ་དེས་བྱིན་གྱིས་བརླབས་པ་བསྒོམས་ནས་དེ་དག་གི་དབུས་སུ་བཟུང་བའི་ཕྲེང་བའི་ཐག་པའི་དབུས་ཀྱི་སྐུད་པ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་དང༌། ཕྱོགས་དང་མཚམས་ཀྱི་སྐུད་པ་བརྒྱད་ཕྱག་ན་པདྨ་དང་བྱམས་པ་དང་ནམ་མཁའ་མཛོད་དང་ཀུན་ཏུ་བཟང་པོ་དང་ཕྱག་ན་རྡོ་རྗེ་དང་འཇམ་དཔལ་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་སའི་སྙིང་པོའི་བདག་ཉིད་དང་ཕྲེང་རྡོག་རྣམས་རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔའི་རང་བཞིན་དུ་དང༌།མདོ་འཛིནནི་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཆོས་ཀྱི་ཕུང་པོའི་མཆོད་རྟེན་དུ་སྐད་ཅིག་གིས་བསམས་ནས་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་རང་ཉིད་ཇི་ལྟ་བ་ལ་བཅུག་སྟེ། ཞེས་སོགས་གསུངས། ཆོས་འབྱུང་མཁས་པའི་དགའ་སྟོན་སྨད་ཆ་༡༢༠༩ལས་ཀྱང༌། བླ་མ་དེས་དུང་གི་མཆོད་རྟེན་གྱིས་མདོ་འཛིན་བྱས་པའི་ཕྲེང་བ་ཞིག་ཡུམ་རང་ལ་གཏད་ནས་འདིས་མ་ཎི་བགྲོངས་ཟེར་ཏེ། ཞེས་སྣང་བ་ལྟར་རོ། །2 མདོ་འཛིན་ནི་སཱུ་ཏྲ་དྷ་ར་སྟེ། ལྷའི་དབང་པོ་བརྒྱ་བྱིན་གྱི་མིང་ཡིན་པར། སཾ་བོད་སྐད་གཉིས་ཤན་སྦྱར་ན་གསལ།
|