6650

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་རྒྱན་སྦྱར་བའི་འགྲེལ་པ་བཅུ་གཉིས
Tibetan Definition རྒྱ་འགྲེལ་ཉེར་གཅིག་གི་ནང་ཚན། མདོ་རྒྱན་སྦྱར་བའི་འགྲེལ་པ་བཅུ་གཉིས་ནི། ཉི་ཁྲི་དང་སྦྱར་བ་བཞི། བརྒྱད་སྟོང་པ་དང་སྦྱར་བ་གསུམ། མདོ་སྡུད་པ་དང་སྦྱར་བ་གསུམ། འབུམ་རྐྱང་པ་དང་སྦྱར་བ་གཅིག ཡུམ་གསུམ་ག་དང་སྦྱར་བ་གཅིག་སྟེ་བཅུ་གཉིས་སོ། །དང་པོ་ཉི་ཁྲི་དང་སྦྱར་བ་བཞི་ནི། འཕགས་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ། བཙུན་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་རྣམ་འགྲེལ། སློབ་དཔོན་སེང་གེ་བཟང་པོས་མཛད་པའི་ཉི་ཁྲི་ལེའུ་བརྒྱད་མ། ཤཱནྟི་པས་མཛད་པའི་ཉི་ཁྲི་དག་ལྡན་ཏེ་བཞིའོ། །གཉིས་པ་བརྒྱད་སྟོང་པ་དང་སྦྱར་བ་གསུམ་ནི། སློབ་དཔོན་སེང་གེ་བཟང་པོས་མཛད་པའི་བརྒྱད་སྟོང་འགྲེལ་ཆེན། ཤཱནྟི་པས་མཛད་པའི་སྙིང་པོ་མཆོག ཨ་བྱྷ་ཀ་རས་མཛད་པའི་གནད་ཀྱི་ཟླ་འོད་དེ་གསུམ་མོ། །གསུམ་པ་མདོ་སྡུད་པ་དང་སྦྱར་བ་གསུམ་ནི། སློབ་དཔོན་སེང་གེ་བཟང་པོས་མཛད་པའི་སྡུད་པའི་དཀའ་འགྲེལ་རྟོགས་སླ། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་སྡུད་པའི་དཀའ་འགྲེལ། ཁ་ཆེ་དྷརྨཱ་ཤྲཱིས་མཛད་པར་གྲགས་པའི་ཤེར་ཕྱིན་མཛོད་ཀྱི་ལྡེ་མིག་སྟེ་གསུམ་མོ། །བཞི་པ་འབུམ་རྐྱང་པ་དང་སྦྱར་བ་གཅིག་ནི། ཁ་ཆེ་དྷརྨཱ་ཤྲཱིས་མཛད་པར་གྲགས་པའི་སྟོང་ཕྲག་བརྒྱ་པའི་བཤད་པ་དེའོ། །ལྔ་པ་ཡུམ་གསུམ་ག་དང་སྦྱར་བ་གཅིག་ནི། ཇོ་བོ་སྨྲྀ་ཏིས་མཛད་པར་གྲགས་པའི་ཡུམ་གསུམ་དོན་བརྒྱད་ཀྱི་ས་མཐུན་པར་བསྟན་པ་དེ་དེ་ཡིན་ནོ། །