6657

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་སྡེ
Tibetan Definition <སཱུ་ཏྲ> 1 མདོ་སྡེའི་སྡེ་སྣོད། མདོ་སྡེ་རྒྱན་ལས། གནས་རྣམས་དང་ནི་མཚན་ཉིད་དང༌། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །ཞེས་གསུངས་པ་ལྟར། མདོའི་སཾ་ཀྲ་ལ་སཱུ་ཏྲ་ཞེས་པ། མགོ་སྨོས་པར་འགྱུར་ཏེ། རྒྱལ་པོའི་ཁབ་ན་ཞེས་པ་ལྟ་བུ་གནས་སྨོས་པ་དང༌། སའི་མཚན་ཉིད་ནི། སྲ་བའོ་ཞེས་པ་ལྟ་བུ་མཚན་ཉིད་སྨོས་པ་དང༌། ཆོས་ཀྱི་ཚིག་སྨོས་པ་དང་དོན་སྨོས་པས་མདོ་དེ་འདྲའི་ཚོགས་སུ་གྱུར་པས་སྡེའོ། །ཞེས་བུ་སྟོན་ཆོས་འབྱུང་༢༠ལས་བཤད་པ་ལྟར་རོ། །སྒྲ་བཤད་ནི། མགོ་སྨོས་པའམ་མདོར་བསྡུས་ཏེ་སྟོན་པས་ན་མདོ། ཚོགས་སུ་གྱུར་པས་ན་སྡེའོ། །བུ་སྟོན་ཆོས་འབྱུང་ལ་གཞི་བྱས། མཁས་པ་མང་པོས་མདོ་དང་མདོ་སྡེ་གཉིས་ལ་སྐད་དོད་ལོགས་སུ་མེད་པར་གསུངས། 2 མདོ་དང་དོན་གཅིག 3 གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དང་པོ་མདོ་སྡེ་ནི། གསུང་རབ་ཡན་ལག་བཅུ་གཉིས་སུ་དབྱེ་བ་ནི་གདུལ་བྱ་མདོར་བསྡུས་པ་ལ་དགའ་བ་རྣམས་ཀྱིས་རྣམ་པར་བཞག་སླ་བ་དང༌། བཟུང་སླ་བས་ཆོས་ལ་གུས་པས་ཚོགས་རྫོགས་པ་དང༌། མྱུར་དུ་ཆོས་ཉིད་རྟོགས་པ་དང༌། དཀོན་མཆོག་གསུམ་ལ་ཤེས་ནས་དད་པ་ཐོབ་པ་དང༌། མཐོང་བའི་ཆོས་ལ་བདེ་བར་རེག་པར་གནས་པ་དང༌། འབེལ་གཏམ་ལ་མཁས་པར་བྱ་བའི་དགོས་པ་བཅུའི་ཕྱིར་གདུལ་བྱའི་ཉོན་མོངས་པའི་སྤྱོད་པ་ལ་བརྩམས་ནས་མདོར་བསྟན་པའི་ཚུལ་གྱིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་འབྲེལ་དང་ཟས་དང་བདེན་པ་དང་ཐེག་པ་གསུམ་དང་མི་སྡུག་པ་དང་དབྱུགས་འབྱུང་རྔུབ་དང་བསླབ་པ་གསུམ་དང་ཤེས་ནས་དད་པ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་རྐྱང་པས་གསུངས་པ་མདོའི་སྡེ་དང༌། ཞེས་མཆིམས་མཛོད་ལས་གསུངས་སོ། །