6688

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མནག་པ
Tibetan Definition མྱོང་བ། ཉམས་སུ་མྱོང་བ། བཟོད་པ། བསམ་པ་བཅས་ཀྱི་དོན་ཡིན་ཏེ། བརྣག་པ་དང་དོན་གཅིག་གོ །འདུལ་བ་ལུང་གཞི་༼ ཀ ༽༩༥བ༥ལས། མ་བདག་གིས་ཡུན་ཇི་སྲིད་ཅིག་ཏུ་སྡུག་བསྔལ་འདི་ལྟ་བུ་མནག་པར་བགྱི་འཚལ། ཞེས་དང་། ཡང་དེ་ཉིད་ལས། གལ་ཏེ་ཁྱོད་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་དག་བླངས་ནས་ཡང་དག་པར་མ་བསྲུངས་ན་ཡུན་རིང་པོར་སེམས་ཅན་དམྱལ་བར་སྡུག་བསྔལ་མནག་པར་བྱ་དགོས་སོ། །ཞེས་གསུངས་སོ། །མནག་ནི་བརྣག་ཀྱི་འབྲི་ཚུལ་གཞན་ཡིན་ནོ། །