6698

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མནྟྲ
Tibetan Definition (ལེགས་སྦྱར) སྔགས། ངེས་ཚིག་ནི། མཱ་ན་ཡིད་དང་ཏྲ་སྐྱོབ་པའི་དོན་ཡིན་པས་ངན་འགྲོ་སོགས་ཀྱི་སྔུག་བསྔལ་ལས་ཡིད་སྐྱོབ་པས་ན་སྔགས་ཞེས་བྱའོ། །རྗེའི་འགྲེལ་པ་བཞི་སྦྲགས་ན་གསལ། ཡང་ན་ཡིད་ཐ་མལ་གྱི་སྣང་ཞེན་ལས་སྐྱོབ་པས་ན་ཡིད་སྐྱོབ་ཅེས་བྱའོ། །གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་ཀྱིས་གང་དང་གང་བྱུང་ཡང་། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །ཅེས་སྔགས་ཀྱི་སྐད་དོད་མནྟྲ་ཞེས་པའི་མན་ཡིད། ཏྲ་ཡ་སྐྱོབ་པར་བྱེད་ཡིན་ཞིང་། དེའང་དབང་པོ་དང་ཡུལ་རྣམས་ལ་བརྟེན་ནས་ཐ་མལ་གྱི་སྣང་བ་དང་ཞེན་པ་འབྱུང་བའི་ཡིད་དེ་དག་པའི་སྣང་ཞེན་གྱིས་སྐྱོབ་པར་བྱེད་པས་ན་སྔགས་ཞེས་བྱའོ། །ཞེས་དབང་དོན་དེ་ཉིད་ཡང་གསལ་༡༢༦བ༤ལས་གསུངས་སོ། །