From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁྲོ་བ
|
Tibetan Definition
|
ཁོང་ཁྲོ་ཆེར་འཕེལ་ཏེ་སེམས་རབ་ཏུ་འཁྲུག་པའི་གནས་སྐབས་ལ་ཁྲོ་བ་ཟེར། ཕུང་པོ་ལྔའི་རབ་བྱེད་ལས། ཁྲོ་བ་ནི་སེམས་རབ་ཏུ་འཁྲུག་པའོ། །ཞེས་གསུངས་སོ། །ཡང་ན། ཉེ་ཉོན་ཉི་ཤུའི་དང་པོ་ནི། ཁོང་ཁྲོའི་ཆར་གཏོགས་གང་ཞིག གནོད་པར་བྱེད་པའི་རྒྱུ་ཀུན་ནས་མནར་སེམས་ཀྱི་གཞི་དགུ་གང་རུང་ཉེ་བར་གནས་ན་གནོད་པར་བྱ་བར་འདོད་པའི་ཀུན་ནས་མནར་སེམས་པས་རབ་ཏུ་ཕྱེ་བའི་རིག་པའོ། །བྱེད་ལས་ནི། དངོས་སུ་གནོད་པ་བྱེད་པ་དང་། གནོད་པའི་ཐབས་ལ་སྤྱོད་པ་སོགས་ཀྱི་ལས་ཅན་ནོ། །ཀུན་ནས་མནར་སེམས་ཀྱི་གཞི་དགུ་ནི། བདག་ལ་གནོད་པ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ། །ཞེས་བདག་ལ་སྦྱར་བ་གསུམ། བདག་གི་གཉེན་ལ་གནོད་པ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ། །ཞེས་གཉེན་ལ་སྦྱར་བ་གསུམ། བདག་གི་དགྲ་ལ་ཕན་བཏགས་སོ། །འདོགས་པར་བྱེད་དོ། །འདོགས་པར་འགྱུར་རོ། །ཞེས་དགྲ་ལ་སྦྱར་བ་གསུམ་སྟེ་དགུའོ། །
|