6776

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚམས་སྦྱོར་ལྷག་བཅས་ཀྱི་སྒྲ
Tibetan Definition (བརྡ་སྤྲོད) བརྗོད་བྱའི་ལྷག་མ་འདྲེན་པའི་དོན་དུ་འགྱུར་བའི་ “དང” “ཅིང” སོགས་དང་འཇུག་པ་མཐུན་པའི་ལྷག་བཅས་ཀྱི་སྒྲ་ཞིག་ལ་ཟེར། དེ་ལ་དབྱེ་ན། བྱ་བ་གཉིས་དུས་ཅིག་ཅར་དུ་འཇུག་པ་དང༌། དུས་རིམ་གྱིས་འཇུག་པའི་མཚམས་སྦྱོར་ལྷག་བཅས་གཉིས་ཡོད། དུས་ཅིག་ཅར་དུ་འཇུག་པ་ནི། འཕར་ “ཏེ” འགྲོ་ལྟ་བུ། དུས་རིམ་གྱིས་འཇུག་པ་ནི། མདའ་འཕངས་ “ཏེ” ཕོག་ལྟ་བུ་དང༌། ཇ་བསྐོལ་ “ཏེ” འཁོལ་ལྟ་བུ།