6792

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚོ་མ་ཕམ
Tibetan Definition ནང་པ་དང་ཧིན་དུ་གཉིས་ཀས་རྩ་ཆེར་འཛིན་པའི་སྤུ་ཧྲེང་རྫོང་གི་མཚོ་མ་ཕམ་པའམ། མ་ཕམ་གཡུ་མཚོ། མངོན་པའིི་ཉིན་བྱེད་ཀྱིས་རང་རྣམ་དྲི་བྲལ་ཤེལ་གྱི་མེ་ལོང་༦༤བ་༡པོར་མཚོ་མ་ཕམ་ཟེར་བ་མིན། འདི་་གཞུང་དུ་མཚོ་མ་དྲོས་པ་ཞེས་ཟེར་བ། རྒྱ་གར་གྱིས་ (Manasarowar) ཟེར། སི་ཏུ་བསྟན་པའན་མ་ན་སོ་ཝར་ཏེ་ཡིད་ཀྱི་མཚོ་མཆོག་ཟེར་བ་རེད་ཅེས་དང༌། གངས་དཀར་ཏེ་སེ་དང༌། མཚོ་མ་ཕམ་གྱི་གནས་བཤད་ཞིབ་པ་འབྲི་གུང་གདན་རབས་བཞི་པ་དཀོན་མཆོག་བསྟན་འཛིན་གྱིས་མཛད་པའི་ཤེལ་དཀར་མེ་ལོང་ནང་གསལ་ཡོད། དེའི་ཤོག་གྲངས་༡༤ན༡ པར་མཚོ་མ་ཕམ་སྐོར་མི་ལའི་གསུང་མགུར་ལུང་འདྲེན་གནང་སྟེ། མ་ཕམ་གཡུ་མཚོ་སྐད་པ་དེ། །མ་དྲོས་མཚོ་མོ་བྱ་བ་ཡིན། །ཞེས་སོགས་ས་པཎ་ལ་དགག་བཞག་ཀྱང་གནང་འདུག ཅེས་ཞྭ་སྒབ་པའི་རྒྱལ་རབས་ན་གསལ། དེའི་མདོག་དབྱིབས་གཡུ་ཡི་མཎྜལ་ཁ་སྦུབ་པ་ལྟ་བུ་ཞིག་ཡོད་ཚུལ། རྗེ་མི་ལའི་རྣམ་མགུར་ན་གསལ་ཏེ། མ་ཕམ་གཡུ་མཚོ་སྐད་པ་དེ། །ཞེས་པ་ནས། སྔོན་བདེ་གཤེགས་ཉིད་ཀྱིས་ལུང་བསྟན་པའི། །མཚོ་མ་དྲོས་པ་ཞེས་བྱ་བ་ཡིན། །སྤྱིར་ཆུ་བོ་བཞི་འདུས་ཀྱི་མགོ་བོ་ཡིན། །ཉ་སྲམ་རྣམས་ཀྱིས་འཕྱོ་ས་ཡིན། །མཚོ་གཡུ་ཡི་མཎྜལ་འདྲ་བ་དེ། །ཀླུ་ཆེན་བརྒྱད་ཀྱི་ཕོ་བྲང་ཡིན། །ཞེས་དང༌། དེ་མཐའ་སྤང་དང་བྲག་གིས་བརྒྱན། །ཀླུ་ཕྲན་རྣམས་ཀྱི་བང་མཛོད་ཡིན། །ཤིང་འཛམ་བུ་པྲྀཀྵའི་སྐྱེ་གནས་ཡིན། །ལྷོ་འཛམ་བུ་གླིང་ཞེས་དེ་ལ་དྲས། །ཞེས་སོགས་གསུངས། བོད་རྒྱ་ཚིག་མཛོད་ཆེན་མོར། རྒྱའི་ལོ་རྒྱུས་ནང་དུ་གསལ་བའི་ཡའོ་ཁྲི་སྟེ་གཡང་ཊིའི་མཚོ་ཟེར་བ་དེ་ཡིན་ཞིང༌། དེ་ལྟར་ན་ལོ་སུམ་སྟོང་གི་སྔོན་ལ་ཀྲོའུ་རྒྱལ་རབས་ཀྱི་རྒྱལ་པོ་མུ་དབང་ཞེས་པ་ནུབ་ཕྱོགས་གནས་སྐོར་དུ་ཕེབས་པའི་མཚོ་དེ་ཡིན་ཞེས་གསལ།