6801
Jump to navigation
Jump to search
མཛངས་པ | |
Tibetan Definition | 1 ཡ་རབས། བཟང་པོ། དཔེར་ན་ཡ་རབས་མཛངས་པ་ཞེས་པ་ལྟ་བུ། གཞུང་མང་པོར། བུ་མཛངས་པ་ཞེས་འབྱུང་བ་འདི་བུ་ཡ་རབས་ཞེས་པའི་དོན་རེད། མཛངས་ཞེས་པ་བཟང་དང་དོན་གཅིག་ཡིན། མཛངས་དང་བཟང་གཉིས་ལེགས་པར་མཉན་ན་སྒྲ་གདངས་ཧ་ཅང་ཉེ་པོ་ཡོད། དཔེར་ན་བཟང་ངན་ལ་མཛངས་ངན་ཞེས་བརྗོད་པ་བཞིན་ནོ། །དེ་ཡང་འདུལ་བ་ལུང་གཞི་རྒྱ་ཆེར་འགྲེལ་༼ ཙུ ༽༢༠༡ན༡ལས། འོ་ན་དེ་ལྟར་མཛངས་ངན་ལ་སོགས་པ་མེད་དམ་ཞེ་ན། ཞེས་གསུངས་པ་ལྟར་རོ། ། |
---|