6819

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཛོད་གནས་བརྒྱད
Tibetan Definition (མཛོད) གནས་དང་པོ་ཁམས་བསྟན་པ། གཉིས་པ་དབང་པོ་བསྟན་པ། གསུམ་པ་འཇིག་རྟེན་བསྟན་པ། བཞི་པ་ལས་བསྟན་པ། ལྔ་པ་ཕྲ་རྒྱས་བསྟན་པ། དྲུག་པ་ལམ་དང་གང་ཟག་བསྟན་པ། བདུན་པ་ཡེ་ཤེས་བསྟན་པ། བརྒྱད་པ་སྙོམས་འཇུག་བསྟན་པ་བཅས་སོ། །ཡང་མཛོད་གནས་བརྒྱད་ཀྱིས་བདེན་པ་བཞི་སྟོན་ཚུལ་ནི། གནས་དང་པོ་གསུམ་གྱིས་སྡུག་བདེན། གནས་བཞི་པ་དང་ལྔ་པས་ཀུན་འབྱུང་བདེན་པ། གནས་ལྔ་པའི་མཇུག་དང་བདུན་པས་འགོག་བདེན། ལྔ་པས་མཇུག་དང་བདུན་པས་འགོག་བདེན། གནས་དྲུག་པ་དང་བརྒྱད་པས་ལམ་བདེན་བསྟན་པར་བྱས་ན་ལེགས་པར་བཤད་པར་འགྱུར་ཞིང༌། ཞེས་དགེ་བཤེས་ཤེས་རབ་རྒྱ་མཚོས་གསུངས།