6823

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཛོད་རྩ་བ་ལས
Tibetan Definition སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང༌། །ཉི་ཟེར་རྡུལ་དང་སྲོ་མ་དང༌། །དེ་ལས་བྱུང་དང་དེ་བཞིན་དུ། (ནས་དང་) །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ། དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། ། ཞེས་གསུངས་པ་ལྟར་གོང་ནས་གོང་དུ་བདུན་བསྒྱུར་དུ་གསུངས་ལ། ལུང་རྣམ་འབྱེད་ལས་ནི་གོང་ནས་གོང་དུ་དྲུག་བསྒྱུར་དུ་གསུངས་པ་ནི་ཁྱད་པར་རོ། །འདུལ་བ་ལུང་རྣམ་འབྱེད་༼ ཉ་པ ༽༢༣༩ན༥ལས། དགོན་པ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་དྲུག་ལ་རྡུལ་ཕྲ་མོ་གཅིག་གོ། རྡུལ་ཕྲ་མོ་དྲུག་ལ་ཆུ་རྡུལ་གཅིག་གོ། ཆུ་རྡུལ་དྲུག་ལ་ལྕགས་རྡུལ་གཅིག་གོ། ལྕགས་རྡུལ་དྲུག་ལ་རི་བོང་གི་རྡུལ་གཅིག་གོ། རི་བོང་གི་རྡུལ་དྲུག་ལ་ལུག་རྡུལ་གཅིག་གོ། ལུག་རྡུལ་དྲུག་ལ་གླང་རྡུལ་གཅིག་གོ། གླང་རྡུལ་དྲུག་ལ་ཉི་ཟེར་གྱི་རྡུལ་གཅིག་གོ། ཉི་ཟེར་གྱི་རྡུལ་དྲུག་ལ་སྲོ་མ་གཅིག་གོ། སྲོ་མ་གཅིག་ལ་ཤིག་གཅིག་གོ། ཤིག་གཅིག་ལ་ནས་གཅིག་གོ། ནས་དྲུག་ལ་སོར་གཅིག་གོ། སོར་དྲུག་ལ་ཁྲུ་གང་ངོ་། །ཁྲུ་ཕྱེད་དང་བཞི་ལ་མིའི་སྲིད་དོ། །ཁྲུ་བཞི་ལ་གཞུའོ། །གཞུ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག་སྟེ། གྲོང་ནས་རྒྱང་གྲགས་གཅིག་ནི་དགོན་པ་སྟེ། ཞེས་གསུངས་སོ། །