6826

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མའི་རྣམ་འབྱེད
Tibetan Definition <བྷིཀྵུ་ཎཱི་བི་ན་ཡ་བྷངྒ> (འདུལ་བ) དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ཞེས་བྱ་བ་དགེ་སློང་མའི་ཁྲིམས་སུམ་བརྒྱ་དྲུག་ཅུ་རྩ་བཞི་རྒྱས་པར་སྟོན་པ་དགེ་སློང་མའི་འདུལ་བ་རྣམ་འབྱེད་ཤློ་ཀ་བརྒྱད་སྟོང་བཞི་བརྒྱ་དང་བམ་པོ་ཉི་ཤུ་རྩ་བརྒྱད་པའི་བདག་ཉིད་ཅན་གྱི་འདུལ་བའི་མདོ་ཞིག ཁ་ཆེའི་པཎྜི་ཏ་སརྦ་ཛྙཱ་དེ་ཝ་དང༌། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། ཁ་ཆེའི་མཁན་པོ་དྷརྨཱ་ཀ་ར་དང༌། བོད་ཀྱི་ལོ་ཙཱ་བ་བནྡེ་དཔལ་གྱི་ལྷུན་པོའི་འགྱུར་ལ། སླར་ཡང་རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་པའོ། །བཀའ་འགྱུར་འདུལ་བ༼ ཏ་པའི ༽ཤོག་གྲངས་༢༥བ༡ན་བཞུགས་སོ། །