6830

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མར་གྱི་སྙིང་ཁུ
Tibetan Definition ཞུན་མར་བཞུས་པའི་སྙིང་ཁུ་ལ། མར་གྱི་སྙིང་ཁུ་ཟེར། ཚལ་པ་བཀའ་འགྱུར་དང་། སྡེ་དགེ་བཀའ་འགྱུར་མདོ་མྱང་འདས་༼ ཐ ༽༡༡༡ན༤ལས། འོ་མ་ལས་ཞོ་བྱུང་། ཞོ་ལས་མར་བྱུང་། མར་ལས་ཞུན་མར་བྱུང་། ཞུན་མར་ལས་མར་གྱི་སྙིང་ཁུ་འབྱུང་ན། ཞེས་གསུངས་པ་ལྟར་རོ། །འདུལ་བ་ལུང་གཞི་༼ ཀ ༽ལས། འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་སྙིང་ཁུ་དང་། ཞེས་སོགས་ལན་མང་དུ་འབྱུང་ཞིང་། དེའི་འགྲེལ་པ་འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས་ཀྱང་། མར་གྱི་སྙིང་ཁུ་ཞེས་བྱ་བ་ནི་ཞུན་མར་གྱི་སྙིང་པོའོ། །ཞེས་གསུངས་སོ། །སོ་ཐར་གྱི་མདོ་དང་། ལུང་སྡེ་བཞི་སོགས་ཐམས་ཅད་དུ་མར་གྱི་སྙིང་ཁུ་ཞེས་འབྱུང་ངོ་། །སྒྲ་བཤད་ནི། མར་གྱི་སྙིང་པོའི་ཡང་སྙིང་པོར་གྱུར་པའི་ཁུ་བ་ཡིན་པས་ན་དེ་སྐད་ཅེས་སྨྲས་སོ། །འོ་ན། མར་གྱི་སྙིང་ཁུ་དང་། མར་གྱི་ཉིང་ཁུ་ཞེས་དག་ཆ་མི་འདྲ་བ་གཉིས་འབྱུང་ཡང་། རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་ཆེན་པོ་རྣམས་སུ་མར་གྱི་སྙིང་ཁུ་ཞེས་ཡང་ཡང་འབྱུང་ཞིང་། གོ་རྒྱུ་ཡང་སྙིང་ཁུ་ཉིད་ཆེ་བས། མར་གྱི་སྙིང་ཁུ་ཞེས་བྲིས་ན་ཤིན་ཏུ་ལེགས་སོ། །